ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་སྐྲག་མི་དགོས།
འདི་དག་ཡིད་ལ་བཟུང་ན་སྔོན་འགོག་བྱ་ཐུབ།
冠狀病毒來(lái)了不要慌 記住這些就能預(yù)防
ས་ཁུལ་མང་པོ་ཞིག་ཏུ། ཉིན་བསྟུད་མར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་ཡོད་པ་ཀུན་གྱིས་མཐོང་གསལ་ལྟར། མིག་སྔའི་གནས་ཚུལ་འདི་འདྲ་རེད།
連日來(lái),,多地出現(xiàn)新型冠狀病毒感染肺炎,,相信大家都有所耳聞,。
ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ནད་རྟགས།
新型冠狀病毒感染的肺炎臨床表現(xiàn)
གཙོ་བོ་ཚ་བ་རྒྱས་པ་དང་ཤུགས་ཟད་པ། གློ་སྦུབས་ནས་སྐམ་ལུ་བྱེད་པ་སོགས་ཡིན་ལ། རིམ་བཞིན་དབུགས་འབྱིན་དཀའ་བ་དང་། ཚབས་ཆེ་བའི་སྐབས་སུ་གློ་བུར་དབུགས་འབྱིན་ཁག་པའི་ཕྱོགས་འདུས་རྣམ་པ་འབྱུང་། རྣག་འདུས་རང་བཞིན་གྱི་བརྒྱལ་བ། རྙིང་ཚབ་གསར་འབྱེད་ལས་བྱུང་བའི་སྐྱུར་དུག་ཕོག་པ་དང་ཁྲག་འཁེང་ནུས་པ་ཉམས་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། ནད་པ་མང་ཆེ་བ་ནད་གཞི་ཡང་མོ་ཡིན་པས་སྨན་བཅོས་བྱས་ན་གསོ་ཐུབ་ལ། ནད་གཞི་ལྕི་མོ་ཡིན་ན་ཚེ་སྲོག་ཤོར་བའི་ཉེན་ཁ་ཡོད།
發(fā)熱,、乏力,,呼吸道癥狀以干咳為主,,逐漸會(huì)出現(xiàn)呼吸困難,,嚴(yán)重者表現(xiàn)為急性呼吸窘迫綜合征,、膿毒癥休克,、難以糾正的代謝性酸中毒和出凝血功能障礙,。多數(shù)患者為中輕癥,預(yù)后良好,,少數(shù)患者病情危重,,甚至死亡。
གལ་ཏེ་ཚ་བ་རྒྱས་པ་དང་ཤུགས་ཟད་པ། སྐམ་ལུ་བྱེད་པའི་ནད་རྟགས་ཡོད་པ་དང་། དེ་མིན་ཝུའུ་ཧན་དུ་སོང་མྱོང་བའམ་ཝུའུ་ཧན་ནས་བསྡད་མྱོང་བ། ནད་མ་འབྱུང་གོང་གི་ཉིན14ཡི་ནང་ཝུའུ་ཧན་ནས་ཕེབས་པའི་ཚ་བ་རྒྱས་ཤིང་དབུགས་ལམ་ལ་ནད་ཡོད་པའི་ནད་པ་དང་འབྲེལ་འདྲིས་བྱས་མྱོང་བ་དང་། དེ་མིན་ཁྱབ་ཁོངས་ཆུང་བའི་ཁྲོད་ནས་མི་མང་པོར་ནད་བྱུང་ན། མྱུར་དུ་ཉེ་འཁོར་གྱི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས།
如果出現(xiàn)了發(fā)熱,、乏力,、干咳,且有在武漢旅行或居住史,,或發(fā)病前14天接觸過(guò)來(lái)自武漢的發(fā)熱伴呼吸道癥狀的患者,,或出現(xiàn)小范圍聚集性發(fā)病,都應(yīng)該馬上去就近醫(yī)院就診,。
སྔོན་འགོག་ཇི་ལྟར་བྱ་དགོས།
如何預(yù)防新型冠狀病毒
ལག་པའི་འཕྲོད་བསྟེན་ཡག་པོ་བྱེད་དགོས། གློ་ལུད་བྱེད་པ་དང་ཟ་མ་ཟ་བ། གསང་སྤྱོད་དུ་འགྲོ་བ། སྲོག་ཆགས་ཀྱི་གཅིན་སྐྱག་གཙང་གཉེར་བྱེད་སྐབས་ངེས་པར་དུ་ལག་པ་བཀྲུ་དགོས་ལ། ལག་པ་བཀྲུ་མི་ཐུབ་པའི་སྐབས་སུ་ཆང་བཅུད་སོགས་ཀྱིས་གཙང་སེལ་བྱ་དགོས།
保持手衛(wèi)生,。咳嗽,、飯前便后,、接觸或處理動(dòng)物排泄物后,都要勤洗手,,無(wú)法洗手時(shí)應(yīng)使用含有酒精成分的免洗洗手液,。
ཁང་པའི་ནང་དུ་མཁའ་དབུགས་འཁོར་རྒྱུག་བྱེད་དུ་འཇུག་དགོས། མཁའ་དབུགས་འཁོར་རྒྱུག་དཀའ་བའི་འདུ་ར་དང་མི་མང་ཚོགས་སར་འགྲོ་འདུག་ཉུང་ཉུང་བྱ་དགོས། ལོ་སར་སྐབས་སུ་ཚང་མ་ཡར་མར་འགྲོ་རྒྱུ་དགའ་བས། ལོ་ཉུག་དང་འདུ་འཛོམས་ཀྱི་སྐབས་སུ་ཁ་ཐུམ་གོན་དགོས།
保持室內(nèi)空氣流通。避免到封閉,、空氣不流通的公眾場(chǎng)所和人多集中的地方,。過(guò)年了大家都喜歡湊熱鬧,無(wú)論是親朋聚會(huì)還是市場(chǎng)趕集,,都記得佩戴口罩,!
ཁ་ཐུམ་ཉོ་དུས་སྤྱིར་བཏང་གི་སྨན་སྤྱོད་ཁ་ཐུམ་དང་ N95ཁ་ཐུམ་ཉོ་དགོས་ལ། སྨན་ཁང་དང་སྒོ་བསྟེན་སྨན་ཁང་། སྒོ་རྩིས་ཚོང་ཁང་སོགས་ནས་རིམ་པ་སུམ་བརྩེགས་ཅན་དང་ཚགས་མ་ཡོད་སའི་ཐེངས་གཅིག་ཁ་ཐུམ་ཉོ་དགོས་ལ། དེ་འདྲ་ཉོ་རྒྱུ་མེད་ན་རྒྱ་ཡིག་(防飛沫)ཅན་ཉོ་དགོས། རིགས་དེ་གཉིས་བཙོང་རྒྱུ་མེད་ན་ཚགས་དམ་པའི་ཁ་ཐུམ་ཉོ་དགོས།
佩戴口罩應(yīng)注意選擇普通醫(yī)用口罩或N95口罩。從藥店,、醫(yī)院,、診所、便利店,、超市,、外賣軟件等渠道選購(gòu):首選三層結(jié)構(gòu)、明確標(biāo)注帶有熔噴過(guò)濾層的一次性口罩,;這兩個(gè)關(guān)鍵詞都找不到的情況下,,找包裝上的“防飛沫”字樣,;這兩種都沒(méi)有找到的情況下,盡量選細(xì)密材料,,比如無(wú)紡布的針織縫隙肯定比棉紗類要小,。
སྲུང་སྐྱོབ་མེད་པའི་ཆ་རྐྱེན་འོག་རི་སྐྱེས་སྲོག་ཆགས་དང་ཉེ་བར་གཅར་མི་རུང་ལ། དེ་དག་གི་ཤ་ཟ་མི་འོས། ཟ་མ་གཡོ་སྐོལ་བྱེད་དུས་ཤ་དང་སྒོ་ངའི་རིགས་ངེས་པར་དུ་ཚོས་དགོས་ལ། རློན་ཟ་བྱེད་མི་ཆོག
避免未加防護(hù)的情況下接觸野生動(dòng)物或養(yǎng)殖動(dòng)物,避免使用野味,,做飯時(shí)徹底煮熟肉類和蛋類,,不要生食。
མིག་སྔར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཕན་ནུས་ཆེ་བའི་སྨན་རིགས་ཐོན་མི་འདུག་པས། ཟེར་སྒྲོས་ལྟར་སྨན་རིགས་གང་ཞིག་དང་ལུས་ཕུང་གསོ་ཚིས་སོགས་ལ་ཡིད་ཆེས་བྱས་ནས་ཉོ་སྒྲུབ་བྱེད་མི་ཆོག ལུས་མི་བདེ་ན་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས།
目前尚無(wú)治療新型冠狀病毒感染的肺炎的特效藥,,不要盲目迷信任何藥物或保健品,,不要進(jìn)行哄搶。身體不舒服及時(shí)就醫(yī),,聽(tīng)醫(yī)生的話準(zhǔn)沒(méi)錯(cuò),!
ལོ་སར་ཐོན་ལ་ཉེ་བའི་དུས་འདིར། ཚང་མས་ལམ་སྐབས་དང་ལྷན་འཛོམས་ཀྱི་སྐབས་སུ་གཟབ་གཟབ་བྱ་དགོས། ཚང་མར་བདེ་ཐང་དང་བདེ་སྐྱིད་ཀྱི་གནམ་ལོ་གསར་པ་ཞིག་རོལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
馬上就要到春節(jié)了,希望大家無(wú)論是在回家的旅途中,,還是在闔家團(tuán)圓的聚會(huì)中,,都要注意防范,祝大家能夠過(guò)一個(gè)健康,、祥和的春節(jié),!